བྷོན་ནི་བྷ་རཱ་སེལ་ནང་ལ་ཡོད་པའི་མཉམ་བསྡུས་ནང་མཉམ་ཞུགས་གནང་མཁན་ཚོ་སྣེ་ལེན་བྱེད་སའི་ལས་ཁུངས་ཤིག་རེད། བྷོན་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མི་ཉུང་མཐར་ཡང་ཟླ་བ་ 3 གནས་སྡོད་ཆོག་མཆན་ཚོར་བསུ་བ་བྱེད། གསར་དུ་ཕེབས་པ་དང་གསར་དུ་ཕེབས་མེད་མཁན་ཚོ་གཉིས་ཀས་བྷོན་དུ་རིན་མེད་མཉམ་བསྡུས་ལས་འཆར་ཆེད་དུ་ཕེབས་ཆོག
བྷོན་གྱིས་གསལ་པོ་ཡོད་པ་དང་ནོར་འཁྲུལ་མེད་པའི་གནས་ཚུལ་དེ་ཡང་གནས་སྡོད་བྱེད་པ་དང་། ལས་ཀ་བྱེད་པ། བྷེལ་ཇེ་ཨམ་དང་བྷ་རཱ་སེལ་ལ་ནང་གི་མི་ཚེའི་སྐོར་མཁོ་སྤྲོད་གནང་གི་རེད། དེས་ཡང་བྷེལ་ཇེ་ཨམ་མི་སེར་ཡིན་པ་ཚོར་ཡོད་པའི་ཐོབ་ཐང་ཁག་དང་འོས་འགན་ཁག་གི་སྐོར་བཤད་ཀྱི་རེད། བྷོན་གྱིས་ཤེས་བྱ་དེའི་སྐོར་སློབ་ཚན་དུས་བཀག་ཡོད་པ་ཞིག་སྐད་ཡིག་མི་འདྲ་བ་ 20 ལྷག་གི་ནང་དུ་མཁོ་སྤྲོད་གནང་གི་ཡོད། དེ་སྟེང་དུ། བྷོན་གྱིས་མཉམ་ཞུགས་གནང་མཁན་ཚོར་ཧོ་ལན་ཌའི་སྐད་ཡིག་སྟབས་བདེ་པོའི་ལམ་ཞིག་གི་ཐོག་ནས་ཤེས་ཐུབ་པའི་ཆེད་དུ། Huis van het Nederlands Brussel ལྷན་དུ་མཉམ་ལས་གཏིང་ཟབ་པོའི་ཐོག་ནས་གནང་གི་རེད།
ན་ཚོད་ལོན་མེད་པ་ཚོ་ཕེབས་ན་ཡང་དགའ་བསུ་ཞུ་གི་ཡོད། བྷོན་གྱི་ངོས་ནས་ཧུར་པོའི་ཐོག་གསར་དུ་འབྱོར་བའི་ན་ཚོད་ལོན་མེད་མཁན་ཚོར་སྣེ་ལེན་གྱི་འཛིན་གྲྭ་ཁག་ལ་འོས་སྦྱོར་གནང་གི་རེད། ང་ཚོས་ཟླ་རོགས་འགའ་ཤས་ལྷན་དུ་མཉམ་ལས་བྱས་ཏེ་སྤྱི་ཚོགས་-རིག་གཞུང་གི་བྱེད་སྒོ་འདྲ་མིན་སྣ་ཚོགས་ཕྱི་ཡུལ་ནས་ཡིན་པ་ན་ཚོད་ལོན་མེད་པ་ཚོར་མཁོ་སྤྲོད་གནང་གི་རེད།
Agentschap Integratie en Inburgering
2015 ལོའི་ཟླ་བ་དང་པོའི་ཚེས་ 1 ནས་འགོ་ཚུགས་ཏེ། བྷོན་ Agentschap Integratie en Inburgering ཡི་ཆ་ཤས་སུ་འགྱུར་ཡོད། ལས་ཚབ་ཁང་འདིས་ཕྷེ་མི་ཤཱ་མཉམ་བསྡུས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེས་སྤྱི་ཚོགས་དང་ཆབ་འབངས་ཀྱི་མཉམ་བསྡུས། སྤྱི་ཚོགས་སྒྲ་སྒྱུར། མཉམ་བསྡུས་ཞབས་ཞུ་ཁག་ (Ghent དང་ Antwerp གྲོང་ཁྱེར་དེ་གཉིས་འབུད་པ་) ཆ་ཚང་བསྡུ་ལེན་གནང་གི་ཡོད།