ང་ཚོས་རིན་མེད་མཉམ་བསྡུས་ལས་འཆར་སྐད་ཡིག་མི་འདྲ་ 20 ལྷག་ནང་དུ་མཁོ་སྤྲོད་བྱེད་ཀྱི་རེད། སློབ་ཚན་ཁག་ས་གནས་འདྲ་མིན་དང་དུས་ཚོད་འདྲ་མིན་ལ་སློབ་ཁྲིད་བྱེད་ཀྱི་རེད། ང་ཚོས་ཁྱེད་ཀྱི་ལས་ཀ་དང་ཁྱེད་ཀྱི་ཁྱིམ་ཚང་གནས་སྟངས་ལ་བསམ་ཞིབ་བྱེད་ཀྱི་རེད། མཐའ་མཇུག་དེར། ཁྱེད་ལ་མཉམ་བསྡུས་ལག་འཁྱེར་ཞིག་ཐོབ་ཀྱི་རེད། འདིས་ཁྱེད་རང་ལ་བྷེལ་ཇེ་ཨམ་མི་སེར་གྱི་སྙན་ཞུ་འབུལ་དུས་ཕན་ཐོགས་ཡོང་གི་རེད། ལག་འཁྱེར་དེ་ལ་བརྟེན་ནས་ཁྱེད་ལ་ལས་ཀ་ཞིག་མྱུར་པོའི་ཐོག་ནས་འཚོལ་ཐུབ་པའི་ཆེད་དུ་གོ་སྐབས་བཟང་བ་ཡོད།
ང་ཚོས་ཡང་ཁྱེད་ཀྱི་སྐད་ཡིག་སྐད་ཆ་ཤོད་པ། ཡང་ན་སྐད་སྒྱུར་བ་འཚོལ་གྱི་རེད། ང་ཚོས་ཁྱེད་ལ་དུས་ཚོད་སྤྲད་ནས་ཁྱེད་ཀྱི་ལོ་རྒྱུས་ལ་ཉན་འཇོག་བྱེད་ཀྱི་རེད།
སྤྱི་དམངས་མཉམ་བསྡུས་ལས་འཆར་ནང་དུ་དེ་དག་འཚུད་ཡོད།
- སྤྱི་ཚོགས་རྒྱུས་མངའ་ལམ་སྟོན་: ཁྱེད་ཀྱིས་མི་ཚེ་དང་། སྦ་རཱ་སེལ་དང་སྦེལ་ཇམ་ནང་དུ་གནས་སྡོད་དང་ལས་ཀ་བྱེད་པའི་སྐོར་ལ་ཤེས་རྟོགས་ཡོང་གི་རེད།
- ཧོ་ལནྡ་སྐད་སྦྱོང་བ་:ཁྱེད་ཀྱིས་ཧོ་ལནྡ་སྐད་ཡིག་སློབ་ཚན་ཞིག་Huis van het Nederlands Brussel(སྦ་རཱ་སེལ་ཧོ་ལནྡ་ཡི་ཁང་པ།) བརྒྱུད་ནས་སློབ་གཉེར་གནང་གི་རེད།
- ལས་ཀ་ལ་དམིགས་པའི་ལམ་བུ།: ང་ཚོས་དགའ་པོའི་ཐོག་ནས་ནས་ཁྱེད་རང་ཨེག་ཊི་རི་སི་(Actiris)(སྦ་རཱ་སེལ་ལས་ཀའི་ལས་ཁུངས།)ལ་གལ་སྲིད་ཁྱེད་ཀྱིས་ལས་ཀ་ཞིག་འཚོལ་བཞིན་ཡོད་ན་འོས་སྦྱོར་བྱེད་ཀྱི་རེད།
- འགན་འཁྲི་མེད་པའི་ཐོག་ནས་ཆ་འཕྲིན་གྱི་ཚོགས་དུས་དང་བྱེད་སྒོ་ཁག་གི་ནང་དུ་མཉམ་ཞུགས་བྱེད་པ།
ལས་རིམ་སློབ་སྟོན་པ་ཞིག་གིས་ལས་རིམ་གྱི་བརྒྱུད་རིམ་ཆ་ཚང་ནང་ཁྱེད་ལ་རོགས་རམ་གནང་གི་རེད།
ནང་ལེན།
ང་ཚོས་ཁྱེད་ལ་གང་ལེགས་ཕན་ཐོགས་ཐུབ་པའི་ཆེད་དུ་ང་ཚོས་ཁྱེད་རང་སྐོར་ལ་ལེགས་པ་ཤེས་འདོད་ཡོད། དེ་འདྲ་སོང་ཙང་ནང་ལེན་གྱི་ཚོགས་འདུ་ཡི་སྐབས་སུ་ང་ཚོས་ཁྱེད་ལ་རེ་ལྟོས་གང་ཡོད་པ་དང་། ཁྱེད་ཀྱི་སྐད་ཡིག་ནུས་རྩལ་སྐོར། ཌིབ་ལོ་མ་མཐོ་ཤོས་གང་ཐོབ་ཡོད་པ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུ་གི་རེད། དེ་ལྟར་བྱུང་བ་ཡིན་ན་ང་ཚོས་རན་པོ་ཡོད་པའི་གྲོས་འཆར་ཞིག་འབུལ་ཐུབ།
སྒེར་ལ་ལམ་སྟོན་བྱེད་པ།
ཁྱེད་ཀྱི་མ་འོངས་པའི་ཆེད་དུ་ཡིན་པ་འཆར་གཞི་ཁག་ནས་འགོ་འཛུགས་ཏེ། ང་ཚོས་མཉམ་དུ་དེ་དག་གང་འདྲ་བྱས་ནས་གྲུབ་འབྲས་ཐོབ་པའི་ཐབས་ལམ་འཚོལ་གྱི་རེད། ཁྱེད་ལ་སློབ་སྟོན་པས་ཡང་ཁྱེད་ལ་དགོས་མཁོ་རིགས་གང་ཡོད་པའི་སྐོར་དང་། ཁྱེད་ཀྱིས་སློབ་ཚན་གང་དག་ལེན་འདོད་ཡོད་པ། ཁྱེད་ལ་ཕྲུ་གུའི་ལྟ་སྐྱོང་དགོས་མིན་སོགས་རྟོག་ཞིབ་གནང་གི་རེད། གལ་སྲིད་ཁྱེད་ལ་ཌིབ་ལོ་མ་ཞིག་ཡོད་ན། ང་ཚོས་དེ་ངོས་འཛིན་གནང་ཐུབ་ཀྱི་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་རེད། གལ་སྲིད་ཁྱེད་ལ་དམིགས་བསལ་དྲི་བ་རིགས་ཡོད་ན། ཁྱེད་ཀྱི་སློབ་སྟོན་པས་ཁྱེད་རང་རན་པོ་ཡོད་པའི་ཞབས་ཞུ་ཁག་ལ་འབྲེལ་སྦྱོར་གནང་གི་རེད།
སྤྱི་ཚོགས་གོམས་འདྲིས་སློབ་ཚན།
སློབ་ཚོན་འདི་སྐབས་སུ།-དེ་ལ་ཡང་མཉམ་བསྡུས་ཡང་ན་ཡུལ་མིའི་ཐོབ་ཐང་གི་སློབ་ཚན་ཡང་ཟེར།-ཁྱེད་ཀྱིས་བྷེལ་ཇེ་ཨམ་ནང་མི་ཚེའི་སྐོར་ཕན་ཐོགས་ཡོད་པའི་གནད་དོན་མང་པོ་ཞིག་གི་སྐོར་ལ་ཤེས་ཀྱི་རེད། དེའི་ནང་དུ་ལས་ཀའི་ཁྲོམ་རྭ་དང་། སྡོད་ཁང་། འཕྲོད་བསྟེན། སྐྱེལ་འདྲེན། ཁྱེད་ཀྱི་ཕྲུ་གུའི་སློབ་གསོ་ཡི་སྐོར། བྷེལ་ཇེ་ཨམ་ལུགས་སྲོལ་དང་རྒྱུན་སྲོལ། ཁྱེད་རང་གི་ཐོབ་ཐང་དང་ལས་འགན་སོགས་འཚུད་ཡོད། ཁྱེད་ཀྱིས་རུ་ཁག་གི་སྐོར་སྐྱོད་ནང་དུ་མཉམ་ཞུགས་བྱེད་པ་དང་། མི་གཞན་དག་ཐུགས་འཕྲད་བྱེད་པ། ནུས་རྩལ་འདྲ་མིན་ཐོབ་ཐུབ་པ་གནང་གི་རེད། སློབ་ཚན་འདི་ལ་ཆུ་ཚོད་ 60 དགོས་ཀྱི་ཡོད། ཁྱེད་ཀྱིས་སློབ་ཚན་དེ་ཁྱེད་རང་གི་སྐད་ཡིག་ཡང་ན་ཁྱེད་ཀྱིས་གོ་ཚོད་པའི་སྐད་ཡིག་ཅིག་གི་ནང་དུ་སློབ་སྦྱོང་གནང་གི་རེད།
ཧོ་ལན་ཌའི་སྐད་ཡིག་གི་རྨང་གཞི།
བྷེལ་ཇེ་ཨམ་ནང་དུ་གནས་སྡོད་བྱེད་དུས་སྐད་ཡིག་གི་ནུས་རྩལ་ཧ་ཅང་གལ་གནད་ཆེན་པོ་རེད། སྐད་ཡིག་དག་ཁྱེད་ཀྱིས་ལས་ཀ་འཚོལ་དུས་དང་ཁྱེད་ཀྱི་ཕྲུ་གུའི་སློབ་གྲྭ་དང་འབྲེལ་བ་གནང་དུས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཁྱེད་ཀྱིས་ཧོ་ལན་ཌའི་སྐད་ཡིག་སློབ་སྦྱོང་འགོ་འཛུགས་ཀྱི་ཆེད་དུ་རོགས་རམ་བྱེད་ཀྱིད་རེད། ང་ཚོས་ Huis van het Nederlands Brusselལྷན་དུ་མཉམ་རུབ་ཐོག་དེ་ལྟར་བྱེད་ཀྱི་ཡོད། ཁོ་ཚོ་ལྷན་དུ། ང་ཚོས་གང་ནས་དང་ག་དུས་ཁྱེད་ཀྱིས་སློབ་ཚན་ཞིག་ལེན་ཐུབ་པའི་སྐོར་འཚོལ་ཞིབ་བྱེད་ཀྱི་རེད།
ལས་ཀ་ཞིག་གི་ཕྱོགས་སུ་བསྐྱོད་ཐུབ་པའི་ལམ་བུ།
ཁྱེད་རང་ལོ་ 18 དང་ 65 བར་ཡོད་པ་དང་ཁྱེད་རང་ད་ལྟའི་ཆ་ལ་ལས་ཀ་མེད་མཁན་ཞིག་རེད་དམ། ང་ཚོས་དགའ་པོའི་ཐོག་ནས་ཁྱེད་རང་ཨེག་ཊི་རི་སི་འོས་སྦྱོར་བྱེད། ཁོང་ཚོས་ཁྱེད་ལ་ལས་ཀ་ཞིག་འཚོལ་རྒྱུར་རོགས་རམ་བྱ་གི་རེད།
འགན་འཁྲི་མེད་པའི་ཐོག་ནས་ཆ་འཕྲིན་གྱི་ཚོགས་དུས་དང་བྱེད་སྒོ་ཁག་གི་ནང་དུ་མཉམ་ཞུགས་བྱེད་པ།
ཁྱེད་ཀྱིས་རང་ཉིད་ཀྱི་མ་འོངས་པའི་དོན་ལས་ཀ་བྱེད་འདོད་ཡོད། བྷོན་གྱི་ངོས་ནས་ཟབ་སྦྱོང་དང་། གནས་ཚུལ་མཁོ་སྤྲོད་དུས་ཐུན། དེ་བཞིན་བརྗོད་བྱ་འདྲ་མིན་སྐོར་ལ་སློབ་སྟོན་གནང་གི་རེད། ང་ཚོས་ཁྱེད་ཀྱི་ངོས་ནས་བྷ་རཱ་སེལ་ནང་དྭང་བླངས་ལས་ཀ རྩེད་མོ། རིག་གཞུང་ཡང་ན་མཉམ་འཚོག་མི་ཚེའི་ནང་འདོད་པ་ཡོད་མེད་བལྟ་གི་རེད།
མི་སུ་འདྲ་ཞིག་ཕྱི་རྒྱལ་དུ་སྐྱེས་པ་དང་། ལོ་ 18 ཡན་ཡིན་པ་(*) བྷ་རཱ་སེལ་ནང་དུ་གནས་སྡོད་བྱེད་ཀྱི་ཡོད་ན་མཉམ་བསྡུས་ལས་འཆར་ནང་དུ་མཉམ་ཞུགས་གནང་ན་འོས་ཆོས་ཚང་ཡོད། མིང་འགོད་གནང་ཡང་ན་ང་ཚོར་འབྲེལ་བ་བྱས་ཏེ་གནས་ཚུལ་མང་བ་ཐོབ་ཐུབ་པ་གྱིས།
(*) ང་ཚོར་ཡང་ན་ཚོད་ལོན་མེད་པ་ཚོར་རན་པོ་ཡོད་པའི་ལས་འཆར་ཞིག་ཡོད།